魔鏡歌詞網
魔鏡歌詞網 > 男生歌手 > 德格葉 > 故鄉

德格葉



歌詞
專輯列表

德格葉

故鄉

作詞:德格葉
作曲:德格葉

ཕ་ཡུལ་དང་ཉི་ཟླ།
ཚོ་ཆེན་མར་ཁུ་འདྲ་ཞིག་ལྟེམ་མེར་ཡོད།།
རུ་སྡེ་ནམ་མཁའ་འདྲ་ཞིག་ལྷིང་ངེ་ཡོད།།
འཚོ་བ་རྒྱ་མཚོ་འདྲ་ཞིག་མེར་རེ་ཡོད།།
ཕུ་ནུ་རྒྱ་རྫོང་འདྲ་ཞིག་ཁྲིགས་སེ་ཡོད།།
མི་རེ་ལ་ཕ་ཡུལ་རེ་ཆུང་བྱིས་དུས་རྐང་རྗེས་དཔར་ས།
སེམས་རེ་ན་དྲན་ཤིང་རེ་དྲིན་ཕ་མའི་འཛུམ་དཀར་མེ་ལོང་།
ངའི་ཕ་ཡུལ་ཆེ་རྒྱུ་མེད་ཀྱང་ལུང་པ་ཞིག །
ངའི་ཕ་མ་ཉམ་ཆུང་ཡིན་ཡང་དཀར་པོ་ཞིག །
ངའི་ལས་དབང་འཁྱམ་པོ་མིན་ཡང་རྒྱང་ན་ལུས།།
ངའི་སེམས་པ་འཁྱགས་པ་ཡིན་ཡང་བརྩེ་བ་དྲོ།།
ངའི་ཕ་ཡུལ་གཤོངས་ན་ཡོད་ཆུ་གཙང་བོའི་འགྲམ་ལ་ཆགས་ཡོད།།
ངའི་ཕ་མ་སེམས་ན་ཡོད་སེམས་གངས་དཀར་དཀྱིལ་ལ་བསྐངས་ཡོད།།
དགོང་ཉི་མའི་གསེར་ཞུན་རི་ལ་ཕབ་ཡོད།།
དྲིན་ཕ་ལོའི་བྱས་རྗེས་གན་དང་གཅིག་རེད།།
更多更詳盡歌詞 在 ※ Mojim.com 魔鏡歌詞網
དུང་ཟླ་བའི་འཛུམ་ཞལ་མཁའ་རུ་གྲོལ་ཡོད།།
དྲིན་མ་ལོ་བགད་ན་གན་དང་གཅིག་རེད།།
སྟེང་ལྷ་ཡུལ་ཟེར་བའི་དཔེ་འཇོག་ཞིག་ལ།།
ངའི་ཕ་ཡུལ་མིན་ནས་མེད་ཀི་བསམ་ཡོད།།
འབྲོང་དར་མའི་རྭ་རྩེ་ངོམས་ས་མེད་ཀྱང་།།
སྟག་དམར་ཡག་ནགས་ནས་རྩེད་ས་ཡོད་རེ།།
ངག་སྙན་མོ་དབྱངས་ལ་འགུག་དྲིན་ཕ་མ་སྐྱིད་པའི་སྨོན་ལམ།།
སེམས་བསམ་པའི་གླུ་ཞིག་ལེན་ངའི་ཕ་ཡུལ་སྐྱིད་པའི་སྨོན་ལམ།།
དགུན་གསུམ་གྱི་བུ་ཡུག་འཚུབ་ན་འཚུབ་ཤོག།།
དཔྱིད་གསུམ་ཉི་ཐག་རིང་ན་རིང་ཤོག།།
དབྱར་གསུམ་གྱི་ཆར་ཆུ་ལྷོད་ཀྱིས་འབབ་རྒྱུ་ཡོད།།
སྟོན་གསུམ་གྱི་འབྲུ་དྲུག་ཐང་ན་སྨིན་རྒྱུ་ཡོད།།
ཚོ་ཆེན་མར་ཁུ་འདྲ་ཞིག་ལྟེམ་མེར་ཡོད།།
རུ་སྡེ་ནམ་མཁའ་འདྲ་ཞིག་ལྷིང་ངེ་ཡོད།།
འཚོ་བ་རྒྱ་མཚོ་འདྲ་ཞིག་མེར་རེ་ཡོད།།
ཕུ་ནུ་རྒྱ་རྫོང་འདྲ་ཞིག་ཁྲིགས་སེ་ཡོད།།